让每一次出发,都有值得期待的现场。
LIVE • MUSIC • CULTURE
p↗PYTHONKE演出指南
LYRICS / 歌词

歌曲《法友》歌词

让文字,接住旋律。

法友 - 谢旦

词:耶桑才丹

曲:谢旦

དབྱར་གསུམ་གཡུ་ལོའི་ཚལ་ནས།།

འདབ་ལྡན་མེ་ཏོག་སྐྱེས་བྱུང་།།

མེ་ཏོག་ཟེའུ་འབྲུ་སྨིན་ཡོད།།

རྐང་དྲུག་སྦྲང་མ་ཕེབས་ཤོག།

རབ་དཀར་གངས་རི་མཐོན་པོ།།

དབུ་རྩེ་དགུང་ལ་མཉམ་ཡོད།།

ཆུ་འཛིན་སྨུག་པའི་གསེབ་ནས།།

སེང་ཕྲུག་གཡུ་ལོ་ཕེབས་ཤོག།

ཚང་ཚིང་རྒྱ་རྫོང་ནགས་རི།།

སྔོ་ལྗང་ལོ་མས་བརྒྱན་ཡོད།།

རྒྱ་སྟག་འཛུམ་དྲུག་ཅན་པོ།།

ནགས་རིའི་རྒྱན་དུ་ཕེབས་ཤོག།

དུང་སེམས་པདྨ་དཀར་པོས།།

སྙིང་གིས་རེ་སྒུག་བྱས་ཡོད།།

ལྷད་མེད་བརྩེ་སེམས་ལྡན་པའི།།

ཆོས་ཀྱི་གྲོགས་པོ་ཕེབས་ཤོག།

歌曲试听源